ཁྱོད་ཀྱི་ཕ་སྐད་ནང་བུ་སྐྱེས་སྔོན་འགྲོའི་འཛིན་གྲྭ

བུ་སྐྱེས་སྔོན་འགྲོའི་འཛིན་གྲྭ་ཟེར་བ་ནི་ག་རེ་རེད།
ཁྱེད་རང་སྤྲུམ་མ་ཞིག་ཡིན་ལ་འཇར་མན་སྐད་ནི་ཁྱོད་ཀྱི་ཕ་སྐད་མ་རེད།
གལ་སྲིད་ཁྱེད་རང་གཅིག་པུས་དྲི་བ་ཁག་ཧ་མ་གོ་བ་དང་སྐད་ཆ་དྲི་ས་མ་རག་པ་ཡིན་ན། བུ་གུ་སྐྱེས་སྟངས་གྲ་སྒྲིག་འཛིན་གྲྭ་འདི་ཁྱོད་ཀྱི་ཆེད་དུ་ཡིན།
བུ་སྐྱེས་སྔོན་འགྲོའི་འཛིན་གྲྭ་འདི་ནི་དོན་ཚན་དྲུག་གི་ནང་དུ་འདུ་ཞིང་། དེ་ཡང་སྐྱེས་གཡོག་དང་། འཛིན་གྲྭའི་སྐད་སྒྱུར་བཅས་ཀྱི་རོགས་ཕན་སོགས་འདུ།
འདི་ནས་ཁྱོད་ཀྱི་དྲི་བར་ལན་དང་གནས་ཚུལ་ངོ་སྤྲོད་སོགས་རག་ངེས་ཡིན།
ཁྱོད་ཀྱིས་མངལ་ཆགས་པའི་སྐབས་ཀྱི་འགྲོ་སྟངས་དང་བྱིས་པ་སྐྱེས་སྟངས།དེ་བཞིན་སོ་སོའི་རང་ཁྱིམ་ནང་ཕྲུ་གུ་སྐྱེས་པའི་རྗེས་སུ་ཕྲུ་གུ་དང་མཉམ་དུ་དུས་ཚོད་སྐྱེལ་སྟངས་སོགས་ལ་འགྲེལ་བཤད་གནང་ངེསཀྵ
སྐྱེས་མེད་གཞན་དང་མཉམ་དུ་ཚོགས་ཆུང་རེ་བཟོས་ཤིང་།ཚོགས་ཆུང་དེའི་ནང་ཕྲུ་གུའི་ཆེད་གནས་ཚུལ་བརྗེ་རེས་གནང་།   སོ་སོའི་རིག་གཞུང་གོམས་གཤིས་སོགས་ལ་གུས་ཞབས་ཐོག་ཉམ་མྱོང་བརྗེ་རེས་གནང་བ་།
བུ་སྐྱེས་སྔོན་འགྲོའི་འཛིན་གྲྭ་འདི་ག་དུས་ནས་འགོ་འཛུགས་གནང་གི་ཡོད་དམ།
འཛིན་གྲྭ་འདི་འགོ་འཛུགས་ཀྱི་དུས་ཡུན་ཡག་ཤོས་ནི་མངལ་ཆགས་ཏེ་ཟླ་བ་༥ དང་༨ བར་ཡིན།
ཁྱོད་ཀྱིས་མངལ་ཆགས་ཡོད་པའི་སྐྱེས་མེད་གཞན་དག་དང་མཉམ་དུ་ཉམས་མྱོང་དང་རེ་བ་བརྗེ་ལེན་གནང་ཆོག