Ich habe viele Dinge gelernt. Auch wenn ich schon zwei Kinder habe. Das ist hier nicht dasselbe.
Frau aus Côte d'Ivoire

ཁྱོད་རང་གི་སྐད་ཡིག་ནང་ཕྲུ་གུ་སྐྱེ་བར་གྲ་
སྒྲིག་འཛིན་གྲྭ་ཞིག་ཡོད།

འཛིན་གྲྭ་འདི་ནི་ཕ་ཡུལ་དང་ཁ་བྲལ་བའི་བུད་མེད་ཕྲུ་གུ་སྐྱེ་མཁན་ཚོའི་ཆེད་དུ་ཡིན།

སྐྱེས་གཡོག་མ་ཞིག་གིས་ཕྲུ་གུ་སྐྱེ་མཁན་བུད་མེད་ཚོར་སྦྲུམ་མའི་གནས་སྐབས་དང་། ཕྲུ་གུ་སྐྱེ་སྟངས།ཕྲུ་གུ་ལ་ ཨ་མའི་འོ་མ་སྟེར་སྟངས།ཕྲུ་གུ་དང་མཉམ་དུ་སྡོད་སྟངས་ སོགས་ཀྱི་གནས་ཚུལ་སྐོར་གསལ་བཤད་གནང་རྒྱུ་ དང་། དེ་ལ་དྲི་བ་གནང་མཁན་ཚོར་ལན་འདེབས་གནང་གི་རེད།

ཁོང་ཚོས་ཁྱེད་རང་ལ་ལུས་སྦྱོང་གི་ཐབས་ལམ་བརྒྱུད་ནས་གཟུགས་པོ་ལྷོད་ལྷོད་ཆགས་པའི་སྐོར་དང་། ཕྲུ་གུ་སྐྱེ་ བར་གྲ་སྒྲིག་ཐད་ལམ་སྟོན་གནང་གི་རེད།

ཁྱེད་རང་གིས་བུད་མེད་གཞན་པ་ཚོ་དང་མཉམ་དུ་སྦྲུམ་མའི་དུས་སྐབས་དམིགས་བསལ་བ་འདིའི་སྐོར་ལ་བགྲ་ྲོ གླེང་དང་། ཡང་ན་བུད་མེད་གཞན་དག་དང་མཉམ་དུ་མི་རིགས་དང་ལུང་པ་མི་འདྲ་བ་ཚོའི་ལུགས་སྲོལ་དམིགས་ བསལ་བའི་སྐོར་ལ་སྐད་ཆ་བཤད་ཏེ་ཉམས་མྱོང་བརྗེ་རེ་གནང་ ཆོག་གི་ཡོད།

འཛིན་གྲྭ་འདི་ལ་ཐེངས་བདུན་ཡོད། སྦྲུམ་མའི་དུས་སྐབས་ཀྱི་ཟླ་བ་ལྔ་བ་ནས་ཟླ་བ་དགུ་བའི་བར་འཛིན་གྲྭར་ མཉམ་ཞུགས་གནང་ཐུབ་ན་ཡག་ཤོས་ཡིན།

འཛིན་གྲྭའི་རིན་པ་ཁག་དངུལ་གྱི་ཛ་ཐང་འཕར་ཆག་ལ་རག་ལུས་ཡོད།

  • ཁྱིམ་ཚང་ Fr. 200.00 ཆེད་སྤྱི་ཚོགས་ཁེ་ཕན་ཁག་ཐོབ་མཁན་ (གནས་སྟངས་མང་ཆེ་བའི་ནང་སྤྱི་ཚོགས་ཞབས་ཞུ་ཡིས་འགྲོ་གྲོན་འདི་དག་གཏོང་གི་རེད།*)
  • Fr. 60.00 ཡོང་འབབ་ཡོད་པའི་དུད་ཚང་ཚོའི་ཆེད་དུ། དེ་བཞིན་རྒྱུ་འགྲུལ་ལྟེ་གནས་ཁག་རེད།
  • Fr. 200.00 ཡོང་འབབ་གཉིས་ཡོད་པའི་དུད་ཚང་ཚོའི་ཆེད་དུ།
  • དེའི་སྟེང་དུ། ཁྱེད་ཀྱི་འཕྲོད་བསྟེན་ཉེན་སྲུང་མ་འཇོག་ Fr. 150.00 གིས་ཐད་ཀར་མཱ་མཱ་མུན་ཌོ་ལ་རིན་སྤྲོད་གནང་གི་ཡོད།

* དཔལ་འབྱོར་གྱི་མཐུན་རྐྱེན་གང་ཡང་མེད་པའི་བུད་མེད་ཚོའི་ཆེད་དུ། འདིར་ཟུར་བཅད་མ་དངུལ་ཡོད།

 

Corona Virus Information